17366
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ནི། སྟོན་པ་ཤཱཀྱ་ཐུབ་པས་ཆོ་འཕྲུལ་བསྟན་པའི་སྐབས་རང་བྱུང་དུ་བྱོན་པར་གྲགས་པའི་མཆོད་རྟེན་ཞིག་སྟེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་ཞེས་པ་ནི། དེ་ནས་སངས་རྒྱས་ཀྱིས་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ཏེ། ལམ་གྱི་རྒྱུད་ནི་ཆད་དོ་ཞེས་ལ་སོགས་པ་ཆེད་དུ་བརྗོད་པ་བརྗོད་དོ། །ལྷ་རྣམས་ཀྱིས་ཀྱང་མེ་ཏོག་པུས་ནུབ་ཙམ་གཏོར་ཏེ་མཆོད་ཅིང་འཇིག་རྟེན་སྣང་བར་བྱས། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཆོས་ཉིད་དགའ་བས་དབང་བསྐུར། ཕྱག་བརྐྱངས་ཏེ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་གྱི་ཉིང་ཁུ་མཚུངས་འདྲ་ཞིང་། །ཞེས་པ་ལ་སོགས་པ་གསུངས་ཤིང་ལུང་བསྟན་པས་ཀྱང་ཆེད་དུ་བརྗོད་པ་མཛད་དོ། །དེའི་ཚེ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་རང་བྱུང་དུ་བྱོན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |