17367
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་ཆོ་འཕྲུལ་ཆེན་པོའི་སྒྲོན་མ་སྟོན་ཆོས་ཀྱི་སྒོ་བཅུ་སྟེ། གཏེར་མི་ཟད་པ་ལ་འཇུག་པའི་ཆོ་འཕྲུལ་སྟོན་པ་ཞེས་བྱ་བ། རིན་པོ་ཆེའི་མཛོད་སྡུད་པ་ཞེས་བྱ་བ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་མཛོད་ཅེས་བྱ་བ། རི་མོ་ལ་མཐའ་ཡས་པ་ཞེས་བྱ་བ། དགེ་བ་འབྱོར་བ་ཞེས་བྱ་བ། དགའ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ། ཚུལ་གྱི་རྣམ་པ་ལ་འཇུག་པ་ཞེས་བྱ་བ། མེ་ལོང་གི་དཀྱིལ་འཁོར་མ་བསྒྲིབས་པ་ཞེས་བྱ་བ། དྲན་པའི་ཕྱོགས་མི་ཟད་པ་ཞེས་བྱ་བ། སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བ་ཡིད་དུ་འོང་བ་ལ་འཇུག་པ་ཞེས་བྱ་བའོ། ། |
| Domain | ཆོས་ལུགས། |