17369
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་སྤྱི་སྤུངས་ཀྱི་དབང་གི་སྐབས་སུ་བཤད་པའི་བུམ་པ་ཞིག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི། ཕྱག་རྒྱ་ལྷ་ཡི་དཀྱིལ་འཁོར་རྣམས། བུམ་པ་ཀློང་ལྔར་བསྐྱེད་བྱ་ཞིང་། གཟི་བརྗིད་འོད་ཟེར་སྟོང་གསུམ་འཕྲོ། བྱིན་རླབས་ཐུགས་རྗེ་རྫོགས་དབང་བསྐུར། ཆོ་འཕྲུལ་དབང་གི་བུམ་པར་གྲགས། ཞེས་པས། དེ་ཡང་འགྲོ་བ་ཐུན་མོང་གི་མཐུན་སྣང་ལ་རྣམ་པ་བུམ་པར་སྣང་ཡང་ངོ་བོ་ཏིང་ངེ་འཛིན་གྱིས་ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི་དབང་གང་ཡིན་པ་དང་མཐུན་པར་ཕྱག་རྒྱ་བཞི་རྫོགས་ཀྱི་ཡི་དམ་ལྷ་ཡི་གཞལ་ཡས་སུ་བསྐྱེད་པར་བྱ་ཡུལ་ཞིག་གོ ། |
| Domain | ཆོས་ལུགས། |