17371
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ ཚེས་གཅིག་རྒྱལ་པོ་གསལ་རྒྱལ་མཆོད། །ཕྱག་གི་ཚེམས་ཤིང་ས་ལ་བཙུགས། །༢ ཚེས་གཉིས་རྒྱལ་པོ་ཨུ་ཏྲས་མཆོད། །གཡས་གཡོན་གཉིས་སུ་རི་བོ་སྤྲུལ། །༣ ཚེས་གསུམ་རྒྱལ་པོ་ཤུན་ཙིས་མཆོད། །ཞལ་བཤལ་ཆུ་ལས་མཚོ་རྫིང་གྱུར། །༤ ཚེས་བཞི་ཨིན་དྲ་ཝར་མས་མཆོད། །རྫིང་བུའི་ངོས་ནས་ཡུར་བ་དོད། །༥ ཚེས་ལྔ་ཚངས་སྦྱིན་རྒྱལ་པོས་མཆོད། །ཞལ་འཛུམ་འོད་ཟེར་ཕྱོགས་བཅུར་འཕྲོས། །༦ ཚེས་དྲུག་ལི་ཙ་བྱི་རྣམས་མཆོད། །འདིར་འདུས་གཅིག་སེམས་གཅིག་གིས་ཤེས། །༧ ཚེས་བདུན་ཤཱཀྱའི་རིགས་ཀྱིས་མཆོད། །སྟོན་པས་འཁོར་ལོ་བསྒྱུར་རྒྱལ་སྤྲུལ། །༨ ཚེས་བརྒྱད་ལྷ་དབང་བརྒྱ་བྱིན་མཆོད། །མུ་སྟེགས་སྟོན་པ་དྲུག་པོ་བཏུལ། །༩ ཚེས་དགུ་ཚངས་པ་ཆེན་པོས་མཆོད། །སྐུ་ལུས་ཚངས་པའི་འཇིག་རྟེན་མཉམ། །༡༠ ཚེས་བཅུ་རྒྱལ་པོ་བཞི་ཡིས་མཆོད། །སྐུ་ལུས་འོག་མིན་བར་དུ་སླེབས། །༡༡ བཅུ་གཅིག་མགོན་མེད་ཟས་སྦྱིན་མཆོད། །སྐུ་ནི་མི་སྣང་འོད་ཀྱིས་ཁྱབ། །༡༢ བཅུ་གཉིས་ཁྱིམ་བདག་ཙི་དཱས་མཆོད། །འཁོར་འདུས་གཅིག་སེམས་གཅིག་གིས་ཤེས། །༡༣ བཅུ་གསུམ་སླར་ཡང་ཤུན་ཙིས་མཆོད། །ལྟེ་བའི་འོད་བྱུང་སྤྲུལ་སྐུས་ཁྱབ། །༡༤ བཅུ་བཞི་སླར་ཡང་ཨུ་ཏྲས་མཆོད། །མེ་ཏོག་གཏོར་བའི་ཤིང་རྟར་གྱུར། །༡༥ བཅོ་ལྔ་གཟུགས་ཅན་སྙིང་པོས་མཆོད། །རོ་བརྒྱའི་ཟས་ཀྱིས་སྣོད་རྣམས་བཀང་། །ཞེས་གསུངས་སོ། ། |
| Domain | ལོ་རྒྱུས། |