17374
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོ་འཕྲུལ་བསྟན་པའི་མཆོད་རྟེན་ནི། སིདྡྷརྠ་འམ་རྒྱལ་བུ་དོན་གྲུབ་སྟེ། སྟོན་པ་ཤཱཀྱ་ཐུབ་པས་གྱད་དང་སྟོབས་རྩལ་འགྲན་སྐབས་བྱུང་བར་གྲགས་པའི་མཆོད་རྟེན་ཞིག་སྟེ། གསང་སྔགས་ལུང་གི་བང་མཛོད་དུ། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ཤཱཀྱ་ས་འཚོ་མ་བླངས་པས༔ བདུད་ན་རེ༔ ཁ་ང་སྔའོ་ཟེར་ནས་བདུད་ཀྱིས་སྙོན་འདོར་བཙུགས་པས༔ དགུང་ལོ་བཅུར་གྱད་དང་སྟོབས་འགྲན་པས༔ དེའི་དུས་སུ་ཆོ་འཕྲུལ་བསྟན་པའི་མཆོད་རྟེན་བྱུང་ངོ་༔ ཞེས་གསུངས། |