17377
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པའི་ལེའུ་བཞི་བཅུ་ཞེ་བཞི་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་བཅུ་གཅིག་པ་ལས་རྒྱུན་གཅོད་པའི་བྱུང་ཚུལ་ལས། འདོད་པ་ལ་ཞེན་པའི་གདུལ་བྱ་འཁོར་ལོ་རྒྱུན་གྱི་ཐེག་པས་འདུལ་བ་དང། ངེས་པར་འབྱུང་བའི་གདུལ་བྱ་དོན་དམ་ངེས་པའི་ཐེག་པས་འདུལ་བ་དང། གདུལ་དཀའ་དྲག་པོའི་གདུལ་བྱ་ཆོ་འཕྲུལ་མངོན་འབྱུང་གི་ཐེག་པས་འདུལ་བ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་ལ་ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། |