17378
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། འདེགས་བྱེད་ཐབས་ཀྱི་རྩལ་ཆེན་གསུམ་གྱི་ཡ་གྱལ་ཞིག་སྟེ། གདུལ་དཀའ་དྲག་པོའི་གདུལ་བྱ་འདུལ་བའི་གཉེན་པོ་ཡིན། བསྐལ་པ་འཇིག་པའི་དུས་སུ་སྐྱེ་བ་མེད་པའི་ངང་ལས་འབྱུང་བ་ཁྲོས་པའི་ཐུགས་རྗེའི་ཆོ་འཕྲུལ་དྲག་ཤུལ་དུ་འགྱེད་པའི་ཕྱིར་ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་ཞེས་བྱ། གཟི་ལྡན་འཆར་ཁའི་འོད་སྣང་ལས། གཞན་ཡང་གང་ཐུགས་ཆོ་འཕྲུལ་མངོན་སུམ་དུ་བྱུང་བའི་ཐེག་པས་འདུལ་བ་ངོ་བོ་ཉིད་སྐུའི་མཛད་པ་ཡང་ཡུལ་གྱི་དབང་ལས་རྣམ་པ་གསུམ་དུ་སྣང་བ་ནི། གདུལ་བྱ་སེམས་ཅན་ཁ་ཅིག འདོད་པ་ལ་ཞེན་ཅིང་ཆགས་པ་ཅན་དང༌། ཁ་ཅིག་ནི་རྨོངས་ཤིང་གཏི་མུག་ཅན་དང༌། ལ་ལ་ནི་ཞེ་སྡང་མཆོག་ཏུ་ཆེ་བས་རྒྱུད་འཁྲུགས་པ་ཡི་འགྲོ་བ་གང་ཞིག་སྨད་པའི་ལས་ངན་ཤ་སྟག་སྤྱོད་ཅིང་བསམ་པའི་འདུ་ཤེས་ཤིན་ཏུ་ངན་པ་ཅན་རྣམས་ལ། ཆད་པའི་ལས་ཀྱི་ཚུལ་དུ་ལས་ངན་རྒྱུན་དུ་གསོག་པའི་འཕྲོ་བཅད་ཅིང་འདུ་ཤེས་སྔ་མ་ལས་གཞན་དུ་བསྒྱུར་བའི་ཕྲིན་ལས་ཀྱི་མཛད་པ་བསྟན་པ། ཞེས་དང་། ཐེག་པ་འོག་མ་གཞན་ལ་མ་གྲགས་པའི་མཛད་པ་འདིའི་ངོ་བོ་རང་བཞིན་ལྷུན་གྱིས་གྲུབ་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ཡེ་ཤེས་ཀྱི་ཆོ་འཕྲུལ་དབང་པོའི་མངོན་སུམ་དུ་ཕྱུང་སྟེ་དངོས་སུ་སྣང་བར་བྱུང་བའི་མཛད་པ་ནི་གང་ཞེ་ན། རང་བཞིན་གྱི་ཁྲོ་བོ་འགྲོ་བ་དུག་གསུམ་སྨིན་པ་རྣམས་ཞལ་དུ་གསོལ་བར་མཛད་པའི་དངོས་པོ་འབྱུང་བ་ཆེན་པོ་ལྔ་ཁྲོས་ནས་འཆད་འགྱུར་ལྟར་འབྲས་བུའི་ཁྲོ་བོ་དཔལ་ཆེན་པོའི་རོལ་པའི་བཀོད་པ་དུག་ལྔའི་ཚུལ་གྱིས་དུག་ལྔ་ཟ་བར་བྱེད་པ་ཧེ་རུ་ཀ་ལྔ་ཡི་ངོ་བོས་མཛད་པ་རང་བཞིན་དུ་བཀོད་པའི་བསྐལ་པ་ལྔ་པོ་དེ་ཡིས་ཆོ་འཕྲུལ་བསྟན་ནས་འཇིག་ཅིང་འཇོམས་པར་བྱེད་པ་སྟེ། ཞེས་གསུངས། |
| Domain | ཆོས་ལུགས། |