17379
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་ཙོང་ཁ་པ་ཆེན་པོས་ས་གླང་ཕྱི་ལོ་ ༡༤༠༩ ལོའི་བོད་ཟླ་དང་པོར་ལྷ་ལྡན་དུ་སྟོན་པ་ཐུབ་པའི་དབང་པོས་ཆོ་འཕྲུལ་བསྟན་པའི་དུས་ཆེན་ལ་སྨོན་ལམ་ཆེན་མོའི་དུས་མཆོད་གསར་འཛུགས་ཐོག་ཇོ་ཤཱཀྱ་རྣམ་གཉིས་སོགས་ལ་རིན་པོ་ཆེའི་དབུ་རྒྱན་དང༌། ན་བཟའ་མཆོད་རྫས་སོགས་བཟང་ཞིང་ཕུལ་དུ་ཕྱིན་པ་འབུལ་བར་མཛད། ཚེས་གཅིག་ནས་བཅོ་ལྔའི་བར་རྟེན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་དང༌། དགེ་འདུན་འདུས་པའི་སྡེ་བསྙེན་བཀུར། སྐྱེ་བོ་ཕོངས་པའི་ཚོགས་ལ་སྦྱིན་གཏོང་སོགས་རྣམ་དཀར་རྒྱ་ཆེར་སྤེལ་བའི་ལྷ་ལྡན་སྨོན་ལམ་འཛུགས་པར་མཛདཅིང་། དེ་ནས་བཟུང་བོད་ཡུལ་སོགས་སུ་དུས་ཆེན་འདིར་མཆོད་འབུལ་སྨོན་ལམ་རྒྱ་ཆེར་བྱེད་སྲོལ་དར་བ་ལ་ཆོ་འཕྲུལ་མཆོད་པ་ཞེས་གྲག ། |