17433
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྱུང་ཁུངས་སམ་དར་སའི་གནས་ཏེ། ཆོལ་ཁ་ཞེས་པའི་ཚིག་འདི་ཆེས་སྔ་ཤོས་ནི་རྒྱ་བོད་ཡིག་ཚང་ལས་བྱུང་འདུག དེ་ཡང་སོག་རྒྱལ་ཁུ་པི་ལེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དབང་ཡོན་བར་པ་ལ་བོད་ཆོལ་ཁ་གསུམ་ཕུལ་པ་དང་བོད་དུ་འཇའ་མོ་བཙུགས་པའི་སྐོར་ལ། རྒྱ་བོད་ཡིག་ཚང་ལས། དབང་ཡོན་བར་མ་ལ་བོད་ཆོལ་ཁ་གསུམ་ཕུལ་པའི་ས་མཚམས་ནི། ཡུལ་མངའ་རིས་གུང་མང་མན། སོག་ལ་སྐྱ་བོ་ཡན། དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་མན། རྨ་ཆུ་གུག་པ་ཡན། མགོ་ནག་མིའི་ཆོལ་ཁ། རྨ་ཆུ་གུག་པ་མན། རྒྱ་མཆོད་རྟེན་དཀར་པོ་ཡན། དུད་འགྲོ་རྟའི་ཆོལ་ཁ་དང་གསུམ་པོ་དེ། མི་རྟ་ཆོས་གསུམ་གྱི་འབུལ་བའི་ལུགས་སུ་བྱས་ནས་ཕུལ་པར་འདུག་ཅིང༌། ཆོལ་ཁ་རེ་རེ་ལ། དཔོན་ཆེན་རེ་རེ་བསྐོ་བའི་ལམ་སྲོལ་ཀྱང་དར་འདུག |