From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོལ་ཟངས་ (1)
| Part of speech
|
མིང་ཚིག
|
| Definition
|
དྲི་ཆུ་འདོར་བའི་སྣོད་ཀྱི་མིང་སྟེ། བརྡ་་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད་ལས། ཆོལ་ཟངས་དྲི་ཆུ་འདོར་བའི་སྣོད། །ཅེས་གསུངས།
|
| Example
|
འདུལ་བ་ལུང་རྣམ་འབྱེད་ལས། གལ་ཏེ་འདུག་ན་ནི་འདུག་ཤིག མི་འདུག་ན་ཁོ་མོས་ཁྱོད་ཀྱི་མགྲིན་པར་ཆོལ་ཟངས་བཏགས་ཏེ་མཉན་ཡོད་ཐམས་ཅད་དུ་བསྐོར་བར་བྱའོ། །ཞེས་པ་ལྟ་བུའོ།
|
ཆོལ་ཟངས་ (2)
| Part of speech
|
མིང་ཚིག
|
| Definition
|
རྐང་ལག་བཀྲུ་བའི་སྣོད་ཀྱི་མིང་སྟེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། ཆོལ་ཟངས་ནི་རྐང་ལག་བཀྲུ་བའི་སྣོད་ཅེས་རྒྱ་ཆེར་འགྲེལ་དུ་གསུངས་ཏེ། དེ་ནི་ས་དང་ཟངས་ལྕགས་སོགས་ལས་བྱས་པ་དབྱིབས་གླང་པོ་ཆེའི་རྨིག་མཐིལ་འདྲ་བ་ནང་གི་དབུས་མཐོ་བ་ཀ་དམ་པའི་མེ་ཏོག་ལྟར་ལྕོག་ལྕོག་པོ་རྩུབ་པ་ཞེས་བཤད་དོ། །ཞེས་གསུངས།
|
ཆོལ་ཟངས་ (3)
| Part of speech
|
མིང་ཚིག
|
| Definition
|
མཆིལ་མའི་སྣོད་ཀྱི་མིང་སྟེ། གནམ་རྩེ་ལྡེང་མའི་བརྡ་དོན་ལས། ཆོལ་ཟངས་དང༌། བཟེད་ཞལ་དང༌། མཆིལ་མའི་སྣོད་རྣམས་མིང་གི་རྣམ་ས་གྲངས་སུ་མངོན་བརྗོད་དུ་བཤད་ཅིང༌། རྐང་ལག་བཀྲུ་བའི་སྣོད་ལའང་འཇུག་གོ ། ཞེས་གསུངས།
|