17438

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ (1)
Part of speech བྱ་ཚིག
Definition སེམས་དང་ནོར་འཁྲུལ་བཅོས་པའི་དོན་དུ་གོ་བའི་འཆོས་པའི་སྐུལ་ཚིག
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བཅོས།]
Present [འཆོས།]
Past [བཅོས།]
Imperative [ཆོས།]
ཆོས་ (2)
Part of speech བྱ་ཚིག
Definition ཁྲིམས་སོགས་བཟོས་པའི་དོན་གྱི་འཆའ་ཡི་སྐུལ་ཚིག
Future [བཅའ།]
Present [འཆའ།]
Past [བཅས།]
Imperative [ཆོས།]
ཆོས་ (3)
Part of speech བྱ་ཚིག
Definition ཁས་བླངས་པ་དང་གནས་བཅས་པའི་དོན་གྱི་འཆའ་ཡི་སྐུལ་ཚིག
Transitive བྱ་བྱེད་ཐ་མི་དད་པ།
Future [བཅའ།]
Present [འཆའ།]
Past [བཅས།]
Imperative [ཆོས།]
ཆོས་ (1)
Part of speech མིང་ཚིག
Definition ཤེས་བྱའི་དོན་ལ་འཇུག་པ་སྟེ།
Example འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཞེས་པ་ལྟ་བུ།
ཆོས་ (2)
Part of speech མིང་ཚིག
Definition ལམ་གྱི་དོན་ལ་འཇུག་པ་སྟེ།
Example ལམ་བདེན་གྱི་ཆོས་ཞེས་པ་ལྟ་བུ།
ཆོས་ (3)
Part of speech མིང་ཚིག
Definition མྱང་འདས་ཀྱི་དོན་ལ་འཇུག་པ་སྟེ།
Example འགོག་བདེན་གྱི་ཆོས་ཞེས་པ་ལྟ་བུ།
ཆོས་ (4)
Part of speech མིང་ཚིག
Definition ཡུལ་གྱི་དོན་ལ་འཇུག་པ་སྟེ།
Example ཆོས་ཀྱི་སྐྱེ་མཆེད་ཅེས་པ་ལྟ་བུ།
ཆོས་ (5)
Part of speech མིང་ཚིག
Definition བསོད་ནམས་ཀྱི་དོན་ལ་འཇུག་པ་སྟེ།
Example བཙུན་མོའི་འཁོར་དང་གཞོན་ནུ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་པ་ལྟ་བུ།
ཆོས་ (6)
Part of speech མིང་ཚིག
Definition ཚེའི་དོན་ལ་འཇུག་པ་སྟེ།
Example བྱིས་པ་ནི་མཐོང་བའི་ཆོས་ལ་གཅེས་པར་འཛིན་པ་ཞེས་པ་ལྟ་བུ།
ཆོས་ (7)
Part of speech མིང་ཚིག
Definition གསུང་རབ་ཀྱི་དོན་དུ་འཇུག་པ་སྟེ།
Example ཆོས་འདུལ་བ་ཞེས་པ་ལྟ་བུ།
ཆོས་ (8)
Part of speech མིང་ཚིག
Definition འབྱུང་འགྱུར་གྱི་དོན་དུ་འཇུག་པ་སྟེ།
Example ལུས་འདི་རྒ་བའི་ཆོས་ཡིན་ནོ་ཞེས་པ་ལྟ་བུ།
ཆོས་ (9)
Part of speech མིང་ཚིག
Definition ངེས་པའི་དོན་དུ་འཇུག་པ་སྟེ།
Example དགེ་སྦྱོང་གི་ཆོས་བཞི་ཞེས་པ་ལྟ་བུ།
ཆོས་ (10)
Part of speech མིང་ཚིག
Definition ལུགས་ཀྱི་དོན་ལ་འཇུག་པ་སྟེ།
Example ལྷ་ཆོས་དང་མི་ཆོས་ཞེས་པ་ལྟ་བུ།
ཆོས་ (11)
Part of speech མིང་ཚིག
Definition གཏན་ཚིགས་རིག་པའམ་ཚད་མ་རིག་པའི་ནང་དུ་རྩོད་པ་བྱེད་མཁན་གཉིས་ཀྱིས་གང་རྩོད་པའི་རྩོད་གཞིའི་དོན་ཏེ།
Example བསྒྲུབ་བྱའི་ཆོས། ཆོས་ཅན། རྟགས་ཆོས་དོན་གསུམ་ཞེས་པ་ལྟ་བུ།
ཆོས་ (12)
Part of speech མིང་ཚིག
Definition ཁྱད་གཞི་ཁྱད་ཆོས་གཉིས་སུ་ཕྱེས་པའི་ཁྱད་ཆོས་ཀྱི་མིང་སྟེ།
Example གནའ་རབས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་ལྟ་བུ།