17439

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་ཀུན་དགའ་ལ་དགའ་བའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་གཏམ་ལ་དགའི་ཐེག་པ་དམན་པའི་གཏམ་ལ་མ་ཡིན་པ། བསྡུ་བའི་དངོས་པོའི་གཏམ་ལ་དགའི་ཕྱིན་ཅི་ལོག་གི་གཏམ་ལ་མ་ཡིན་པ། ཆོས་ཀྱི་ལུགས་ཀྱི་གཏམ་ལ་དགའི་འཇིག་རྟེན་རྒྱང་འཕེན་པའི་གཏམ་ལ་མ་ཡིན་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱི་གཏམ་ལ་དགའི་འཁོར་བ་གཅད་པའི་གཏམ་ལ་མ་ཡིན་པ། ཟབ་ཅིང་གཏིང་དཔག་དཀའ་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་ལ་དགའི་བདག་ཏུ་ལྟ་བ་འཛིན་པའི་གཏམ་ལ་མ་ཡིན་པ། ཆོས་བདག་མེད་པའི་རང་བཞིན་དང་རྐྱེན་རྣམ་པར་དག་པའི་གཏམ་ལ་དགའི་ཆད་པ་དང༌། རྟག་པ་དང༌། བདག་དང༌། སེམས་ཅན་དང༌། སྲོག་དང༌། སྐྱེས་བུ་དང༌། གང་ཟག་ཏུ་འཛིན་པའི་གཏམ་ལ་མ་ཡིན་པ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་གཏམ་ཡང་དག་པ་ཇི་ལྟ་བ་ལ་དགའི་དམིགས་པར་ལྟ་བའི་གཏམ་ལ་མ་ཡིན་པ། རབ་ཏུ་བྱུང་བ་ལ་དམིགས་པ་དང༌། སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པའི་གཏམ་ལ་དགའི་ཞི་བ་ལ་བཏང་སྙོམས་སུ་བྱེད་པའི་གཏམ་ལ་མ་ཡིན་པའོ། །
Domain ཆོས་ལུགས།