From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུ་ཤུ་ (1)
| Part of speech
|
མིང་ཚིག
|
| Definition
|
ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཁམ་སྐྱ་དང་། སྐྱེ་གནས་དབང་གིས་ཆེ་ཆུང་སྣ་ཚོགས་ཡོད། ཡལ་ག་དང་ཡལ་ཕྲན་མང་། ལོ་མ་སྔོན་པོ་ལྕང་ལོ་ལྟ་བུའི་མཐར་ཉག་ག་ཞིབ་མོ་ཡོད། བོད་ཟླ་གསུམ་པའི་ནང་མེ་ཏོག་དཀར་པོ་དང་འགའ་ཞིག་ལ་ཟིང་དཀར་འདབ་མ་ལྔ་རེ་ཅན་འཆར་བ། འབྲས་བུ་ལྗང་སེར་དང་དམར་པོ་ཆེ་ལ་ངར་པའི་ཤུལ་དང་མེ་ཏོག་ཡལ་ཤུལ་གཉིས་ཀོང་ཀོང་ཡིན། ནང་སྙིང་ཁམ་ནག་ལེབ་མོ་བཅུ་ཙམ་ཡོད། ཟོས་ན་ཤིན་ཏུ་ཞིམ། སྨན་དུ་འབྲས་བུ་སྨིན་མཚམས་སུ་བཏུས་རྗེས་ཁཎྜ་བཟོ་རྒྱུ་དང་། ཡང་ན་དུམ་བུར་བཏུབ་ནས་ཧམ་རུལ་མ་ཤོར་བར་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཅུང་སྐྱུར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་ཡང་བས། རྒྱུ་མ་དང་ལོང་གི་ནད་དང་། སྣོད་དུ་ཚ་བ་རྒྱས་པ་སེལ་ཞིང་། གཞན་ཡང་ཟས་ཀྱི་དང་ག་འབྱེད་པ་དང་། ཟུངས་ཁྲག་གསོ་ཞིང་སྐོམ་ཚད་སེལ་བ་ཡིན།
|
| Keyword
|
True
|
ཀུ་ཤུ་ (2)
| Part of speech
|
མིང་ཚིག
|
| Definition
|
བོན། ཞང་སྐད། ཀུན་གཞི།
|
| Domain
|
ཆོས་ལུགས།
|