17451
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འགལ་རྟགས་ལ་བརྗོད་ཚུལ་གྱི་སྒོ་ནས་བཞིར་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གྲུབ་ཅིང་ཞེ་འདོད་ལ་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་བཟུང་ཞིང་བརྗོད་ཚུལ་ལ་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དུ་བཟུང་བའི་ཆོས་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ། དཔེར་ན་མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་པར་སྒྲུབ་པ་ལ་འདུས་ཤིང་བསགས་པ་བཀོད་པ་ལྟ་བུའོ། །ཞེས་གསུངས། |
| Domain | ཚད་མ། |