17453

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་གཏམ་བྱེད་པ་རྣམ་པ་ཉི་ཤུ་ (1)
Part of speech མིང་ཚིག
Definition རྣམ་པར་བཤད་པའི་རིགས་པའི་མདོ་སྡེ་དུམ་བརྒྱ་པ་ལས་བྱུང་བ་སྟེ། ༡ དུས་སུ་གཏམ་བྱ་བ། ༢ གུས་པས་གཏམ་བྱ་བ། ༣ གོ་རིམ་གྱིས་གཏམ་བྱ་བ། ༤ འཚམས་སྦྱར་བས་གཏམ་བྱ་བ། ༥ རྗེས་སུ་མཐུན་པས་གཏམ་བྱ་བ། ༦ དགའ་བར་བྱ་བས་གཏམ་བྱ་བ། ༧ འདོད་པར་བྱ་བས་གཏམ་བྱ་བ། ༨ མགུ་བར་བྱ་བས་གཏམ་བྱ་བ། ༩ སྤྲོ་བ་སྐྱེད་པས་གཏམ་བྱ་བ། ༡༠ མི་སྨད་པས་གཏམ་བྱ་བ། ༡༡ རིགས་པས་གཏམ་བྱ་བ། ༡༢ འབྲེལ་པས་གཏམ་བྱ་བ། ༡༣ མ་འདྲེས་པས་གཏམ་བྱ་བ། ༡༤ ཆོས་དང་ལྡན་པས་གཏམ་བྱ་བ། ༡༥ འཁོར་ཇི་ལྟ་བ་བཞིན་གྱིས་གཏམ་བྱ་བ། ༡༦ བྱམས་པའི་སེམས་ཀྱིས་གཏམ་བྱ་བ། ༡༧ ཕན་པའི་སེམས་ཀྱིས་གཏམ་བྱ་བ། ༡༨ སྙིང་བརྩེ་བའི་སེམས་ཀྱིས་གཏམ་བྱ་བ། ༡༩ རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པས་གཏམ་བྱ་བ། ༢༠ ཚིགས་སུ་བཅད་པ་ལ་མི་བརྟེན་པས་གཏམ་བྱ་བ་བཅས་སོ། །
Domain ཆོས་ལུགས།