17455

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་གཟུངས་ (1)
Part of speech མིང་ཚིག
Definition མདོ། གཟུངས་ཀྱི་སྒོ་བཞིའི་ཡ་གྱལ་ཞིག་མཁན་པོ་དང་སློབ་དཔོན་ལ་སོགས་པ་ལས་དམ་པའི་ཆོས་མཉན་ནས། ཇི་སྐད་བཤད་ཅིང་ཐོས་པའི་ཚིག་ཐམས་ཅད་ནམ་དུ་ཡང་མི་བརྗེད་པར་འཛིན་པ།
Domain ཆོས་ལུགས།
ཆོས་ཀྱི་གཟུངས་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག གཟུངས་ཀྱི་སྒོ་བཞིའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཆོས་ཀྱི་གཟུངས་གང་ཞེ་ན། གང་ཡི་གེ་ནི་ཆོས་ཐམས་ཅད་དང་འབྲེལ་བར་གྱུར་ཅིང་ཐམས་ཅད་ཟིན་པ་ཡིན་ལ། དེས་ན་གང་ཡི་གེ་ལས་ཆོས་ཐམས་ཅད་མི་དམིགས་པར་འབྱུང་བའི་སྒོར་གྱུར་པ་སྟེ། གང་མི་དམིགས་པ་ནི་ཆོས་རྣམས་མ་ཡིན་པ་གཞན་ཞིག་ལས་མི་འབྱུང་བའི་ཕྱིར་ཆོས་ཀྱི་གཟུངས་སུ་རིག་པར་བྱའོ། །ཞེས་གསུངས།