17470
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཐོང་སྤང་དུ་གྱུར་པའི་རྟོག་པ་གང་ཞིག། ཡུལ་སྐྱེས་བུའི་གདགས་གཞིར་གྱུར་པའི་ཕུང་པོ་ལྔ་ལ་དམིགས་ནས་བཏགས་པ་ཙམ་གྱིས་འཛིན་པར་ཞེན་པའི་བློ་དེ། ཆོས་ལ་བཏགས་འཛིན་རྟོག་པའི་མཚན་ཉིད། དབྱེ་ན་དགུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། མཚན་ཉིད་ནི། ཐེག་ཆེན་གྱི་མཐོང་སྤང་རྟོག་པ་གང་ཞིག རང་ཡུལ་དུ་གྱུར་པའི་ཆོས་ཙམ་ལ་དམིགས་ནས། འཛིན་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློའོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། ། |
| Domain | ཆོས་ལུགས། |