17471
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད་ནི། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག རང་ཡུལ་ཕུང་སོགས་ཆོས་ཙམ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། མཐོང་སྤང་དུ་གྱུར་པའི་འཛིན་རྟོག་གང་ཞིག གདགས་གཞིར་གྱུར་པའི་ཕུང་པོ་ལ་དམིགས་ནས་རྫས་ཡོད་ཀྱི་འཛིན་པར་ཞེན་པའི་བློ་དེ། ཆོས་ལ་རྫས་འཛིན་རྟོག་པའི་མཚན་ཉིད་དོ། །དབྱེ་ན་དགུའོ་ཞེས་པཎ་ཆེན་ཤཱཀྱ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། མཚན་ཉིད་ནི། ཐེག་ཆེན་གྱི་མཐོང་སྤང་རྟོག་པ་གང་ཞིག རང་ཡུལ་དུ་གྱུར་པའི་ཆོས་ཙམ་ལ་དམིགས་ནས་འཛིན་པ་པོར་བདེན་པར་མངོན་པར་ཞེན་པའི་བློ་དེའོ་ཞེས་མཁན་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། ། |
| Domain | ཆོས་ལུགས། |