17491
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཉོན་མོངས་འདུལ་བྱེད་ཀྱི་གཉེན་པོར་གསུངས་པའི་ཆོས་ཀྱི་རྣམ་གྲངས་སོ། །ཆོས་ཀྱི་ཕུང་པོའི་ཚད་ནི། ཁ་ཅིག་བསྟན་བཅོས་མངོན་པའི་ཚད་ཅེས་ཟེར། དེ་ནི་ཤློ་ཀ་དྲུག་སྟོང་ངོ་། །གཞན་དག་ཕུང་པོ་ལ་སོགས་པ་གཏམ་རེ་ཡིན་པར་འདོད་ལ། ཡིན་ལུགས་ལ། སེམས་ཅན་ལ་སྤྱོད་པ་འདོད་ཆགས་ཞེ་སྡང་གཏི་མུག་དང་ང་རྒྱལ་ལ་སོགས་པ་བརྒྱད་ཁྲི་ཡོད་དེ། དེ་རྣམས་ཀྱི་གཉེན་པོར་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་དེ་དང་གྲངས་མཐུན་པར་གསུངས་པ་དེའོ། ། |
| Domain | ཆོས་ལུགས། |