17501
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་དོན་ཏེ། ཆོས་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་ལ་སོགས་པའི་ཆོས་རྣམས་ལ་བརྗོད་དེ། རང་གི་མཚན་ཉིད་འཛིན་པའི་ཕྱིར། དེ་རང་བཞིན་མེད་པ་ནི་ཆོས་ཀྱི་བདག་མེད་དོ། །རང་བཞིན་གྱི་སྒྲ་ཡང་དོན་གཉིས་ལ་འཇུག་སྟེ། གཞན་གྱིས་བདེན་པར་བཏགས་པ་དང་། དེས་སྟོང་པའི་སྟོང་ཉིད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་མ་རིགས་ཚོགས་དཀའ་གནད་ལས་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་གི་དབུ་མ་རྣམ་ངེས་ལས། ཆོས་ཅན་ཤེས་བྱ་ཐམས་ཅད་ཀྱི་སྟེང་དུ་བདེན་གྲུབ་བཀག་ཙམ་གྱིས་མེད་པར་དགག་པ་ནི་ཆོས་ཀྱི་བདག་མེད་པའི་དོན་ནོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |