17515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་མདོ་བཞི་ (1)
Part of speech མིང་ཚིག
Definition འདུ་བྱེད་ཐམས་ཅད་མི་རྟག་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྡུག་བསྔལ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་སེམས་པ་ཤེས་རབ་ཏུ་འཇུག་པ། ཆོས་ཐམས་ཅད་བདག་མེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་རབ་ཏུ་འཇུག་པ། མྱ་ངན་ལས་འདས་པ་ཞི་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་རབ་ཏུ་འཇུག་པའོ། །
Domain ཆོས་ལུགས།
ཆོས་ཀྱི་མདོ་བཞི་ (2)
Part of speech མིང་ཚིག
Definition ཀུན་བརྟགས་པའི་མཚན་ཉིད་ནི་རྟག་ཏུ་མེད་པས་ན་མི་རྟག་པ་ཞེས་བྱའོ། །གཞན་གྱི་དབང་གི་མཚན་ཉིད་ལ་ནི་སྡུག་བསྔལ་ཐམས་ཅད་ཀྱི་གཞི་ཡིན་པས་ན་སྡུག་བསྔལ་བའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ནི་ཆོས་སུ་གདགས་པའི་དངོས་པོ་མེད་པས་ན་སྟོང་པའོ། །གང་ཟག་ཏུ་གདགས་པའི་དངོས་པོ་མེད་པས་ན་བདག་མེད་ཅེས་པའོ། །