17523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་མེ་ལོང་ཡིན་པའི་ཆེ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་རྒྱུད་ཉིད་བསྟན་པ་གཞན་ལས་འཕགས་པའི་ཆེ་བ་བདུན་གསུངས་པའི་ཡ་གྱལ་ཞིག་སྟེ། དཔེ་མེ་ལོང་གི་བྱད་བཞིན་གྱི་གཟུགས་བརྙན་གསལ་བར་སྟོན་པ་བཞིན་དུ་རྒྱུད་འདིས་འཁོར་འདས་ལམ་གསུམ་གྱི་རང་བཞིན་བྱེད་པའི་ཆེ་བ་ལྡན་ཚུལ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དཔེར་ན་མེ་ལོང་གསལ་བའི་སྙིང་པོས་ནི། བྱད་བཞིན་གྱི་གཟུགས་བརྙ༷ན་པ་གསལ་བར་སྟོན་པ་ལྟར། དེ་ཁོ་ན་ཉིད་གསང་བའི་སྙིང་པོ་འདིའི་དོན་ཡེ་གསལ་ཆེན་པོའི་ངང་དུ་གདལ་བའི་ཆོས་ཀྱི་མེ་ལོང་གིས། དངོས་པོ་དང་དངོས་པོ་མེད་པའམ་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཀུན་གྱི་རང་བཞིན་མ་ནོར་བ་ཉིད་ཇི་ལྟ་བ་བཞིན་དུ་གསལ་བར་བྱེད་པས་ན། ཆོས་ཐམས་ཅད་ཀྱི་མེ་ལོང་ཡང་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།