17535
Dictionaries | Monlam Grand <
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་བཞི་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་བྱུང་བ་སྟེ། འདི་ལྟར་མི་འཇིགས་པས་ཤིན་ཏུ་སྦྱངས་པའི་ཡེ་ཤེས་དང་ལྡན་པ། ཐ་དད་པ་ཡང་དག་པར་ཤེས་པ་བཞིའི་སྒྲ་རྗེས་སུ་བསྒྲགས་པ། བདེན་པ་བཞིའི་ཚུལ་གྱིས་ཤིན་ཏུ་བརྟགས་པ། སངས་རྒྱས་ཀྱི་རྣམ་པར་ཐར་པ་བསྒྲིབས་པ་མེད་པའི་རྗེས་སུ་སོང་བ། སེམས་ཅན་ཐམས་ཅད་ཀྱི་སེམས་དགའ་བར་འགྱུར་བ། ཐོག་མ་མེད་ཅིང་བལྟ་བར་དཀའ་ལ་ཡོ་བ་མེད་ཅིང་སྡུག་བསྔལ་གྱི་གསལ་ཞིང་འབྱིན་པ། སྔོན་གྱི་སྙིང་རྗེ་ཆེན་པོའི་བྱིན་གྱིས་རླབས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པ། བསྐལ་པ་གྲངས་མེད་པར་ཆོས་སྟོན་པ་རྒྱུན་མི་འཆད་པ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ལེགས་པར་སྤྱད་པས་བསྐོར་བའོ། ། |
Domain | ཆོས་ལུགས། |