17540

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་འཁོར་ལོའི་དབྱེན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཆོས་འཁོར་ལོའི་དབྱེན་གྱི་དོན་བཤད་དུ་ཡོད་དེ། པཎ་ཆེན་འདུལ་བ་ལས། ཕལ་ཆེར་དབྱེན་གྱི་ལྷག་མའི་སྐབས་སུ་བཤད་ཟིན་ཅིང་། མ་བཤད་པ་ཉེས་དམིགས་ཀྱི་དབང་དུ་བྱས་ན། དབྱེན་མ་འདུམ་གྱི་བར་དུ་སྟོན་པ་གཅིག་གི་ཞིང་ཁམས་ཀྱི་བསྡུས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཆོས་བྱེད་རྣམས་ལ་ལམ་ལྔ་གང་ཡང་རྒྱུད་ལ་མི་སྐྱེ་བར་ལུང་གཞི་ལས་གསུངས། ཡུན་ཚད་ཀྱི་དབང་དུ་བྱས་ན། དེ་ནི་མི་གནས་སོ་ཞེས་པའི་མཛོད་འགྲེལ་ལས། དགེ་འདུན་བྱེ་ན་གདོན་མི་ཟ་བར་ནམ་མ་ལངས་པ་ཉིད་དུ་དགེ་འདུན་སླར་འདུམ་པར་འགྱུར་རོ། །ཞེས་གསུངས་པ་ལྟར། ཞག་གཅིག་མ་ལོང་ཙམ་དུ་གནས་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།