17547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་ཡོན་ཏན་ (1)
Part of speech མིང་ཚིག
Definition འགོག་ལམ་གྱི་ཕན་ཡོན་ནམ་ཁྱད་ཆོས།
Domain ཆོས་ལུགས།
ཆོས་ཀྱི་ཡོན་ཏན་ (2)
Part of speech མིང་ཚིག
Definition ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་བོད་ཡུལ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཤིང་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་རྒྱ་གཞུང་དང་ལེགས་སྦྱར་གྱི་ཡི་གེ་བཅས་ལ་སློབ་གཉེར་ཕུལ་དུ་བྱུང་བ་མཛད་ནས་བསྟན་བཅོས་འགའ་ཡང་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་བ་ནི་བསྟན་འགྱུར་ལས་གཎྜཱིའི་བསྟོད་པ་ཚིགས་སུ་བཅད་པ་དང་། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་བ་གྲུ་གཟིངས། གཞུང་ཚད་མཉམ་པའི་སྡེབ་སྦྱོར་ཤོ་ལོ་ཀ་སྟོང་ཕྲག་བརྒྱད་པ། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་པདྨ་རཱ་གའི་གཏེར། རྐང་པ་བཞི་བཅུ་རྩ་བརྒྱད་པ་བསྒྱུར་བའི་བསྟོད་པ། དབྱངས་ཅན་མའི་སྒྲུབ་ཐབས། ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་གྲུབ་པ་ངག་གི་འོད་ཟེར། པོ་ཏ་ལར་འགྲོ་བའི་ལམ་ཡིག་བཅས་བཞུགས།