From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་ཀྱི་རྐང་པ་ (1)
| Part of speech
|
མིང་ཚིག
|
| Definition
|
བསྟན་པའི་དུས་བཞིའི་ཡུན་ཚད་ཀྱི་ལོ་ཡོངས་རྫོགས་ཆ་སྙོམས་བཞི་རུ་བགོས་པའི་ཆ་གཅིག་ལ་ཟེར།
|
| Domain
|
རྩིས་རིག
|
ཆོས་ཀྱི་རྐང་པ་ (2)
| Part of speech
|
མིང་ཚིག
|
| Definition
|
དུས་བཞི་སྔ་མའི་ཆ་རེ་ལ་མི་ལོ་བརྒྱད་བརྒྱ་ཉེར་དྲུག་རེ་ཡོད་པ་དེ་སྔ་མའི་དུས་བཞི་སོ་སོའི་ཡུན་ཚད་ཡིན། རིགས་ལྡན་སྙིང་ཐིག་ལས། ལོ་གྲངས་སུམ་སྟོང་སུམ་བརྒྱ་བཞི། །འབྱུང་བ་དུས་བཞི་སྔ་མའི་ཚད། །དེ་ཉིད་ཆ་བཞིར་བྱས་པ་ལ། །ཆ་རེར་བརྒྱད་བརྒྱ་ཉེར་དྲུག་འབྱུང་། །དུས་བཞི་རེ་རེའི་ཡུན་ཚད་ཡིན། །དེ་ལ་ཆོས་ཀྱི་རྐང་པ་ཞེས། །ཞེས་བྱུང་།
|
ཆོས་ཀྱི་རྐང་པ་ (3)
| Part of speech
|
མིང་ཚིག
|
| Definition
|
དུས་བཞི་ཕྱི་མའི་ཆ་རེ་ལ་མི་ལོ་བཞི་བརྒྱ་ལྔ་བཅུ་རེ་ཡོད་པ་ནི་ཕྱི་མའི་དུས་བཞི་སོ་སོའི་ཡུན་ཚད་ཡིན། རིགས་ལྡན་སྙིང་ཐིག་ལས། ཆ་བཞི་བགོས་པ་རེ་རེ་ལ། །བཞི་བརྒྱ་ལྔ་བཅུ་འབྱུང་བ་ནི། །དུས་བཞི་ཕྱི་མའི་བསྟན་པ་ཡི། །ཆོས་ཀྱི་རྐང་པ་རེ་རེའི་ཚད། །ཅེས་བྱུང་།
|
ཆོས་ཀྱི་རྐང་པ་ (4)
| Part of speech
|
མིང་ཚིག
|
| Definition
|
མདོ། དབུ་མ། ཇོ་ནང་། དུས་བཞི་ཆེན་པོའི་ཡུན་ཚད་ཆ་བཞིར་བགོས་པའི་ཆ་གཅིག་གི་ཡུན་ཚད་ལ་ཟེར། དེའི་ཡུན་ཚད་ལ་མི་ལོ་བཞི་འབུམ་སུམ་ཁྲི་ཉིས་སྟོང་ཡོད་པར་འདོད། བཀའ་བསྡུ་བཞི་པའི་བསྟན་རྩིས་ལས། དང་པོའི་ལོ་ནི་ས་ཡ་ཕྲག་བཞི་དང་། སུམ་འབུམ་ཉི་ཁྲི་འོ་དེའི་བཅུ་ཆ་ནི། །རྐང་པ་ཞེས་གསུངས། ཞེས་བྱུང་།
|
| Domain
|
ལྟ་གྲུབ།
|