17553
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིན་སྤུངས་མཚོ་སྐྱེས་རྡོ་རྗེའི་སྲས་ཏེ་རྩོམ་འདིའི་མཛད་པོ་ངག་དབང་འཇིགས་གྲགས་ཀྱི་ཡབ་ཡིན། དེས་རྒྱལ་པོ་གོང་མའི་ཞབས་ལ་གཏུགས་ནས་རྫོང་དཔོན་གྱི་ལས་ཀ་བླངས། རིག་གནས་ཆུང་བ་ལྔ་དང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་ལ་བློ་གྲོས་ཀྱི་འཇུག་སྒོ་ཡངས་པ། གཙང་རོང་གི་ཆོས་སྡེ་རྣམས་འཚོ་རྐྱེན་སོགས་ལ་བློ་གྲོས་ཀྱི་རྒྱུན་བཟང་པོ་སྦྱར། རིན་སྤུངས་ཉིད་དུ་ཕོ་བྲང་ཆེན་པོའི་མིག་ལྟོས་ཀྱིས་གསང་སྔགས་ཀྱི་དུས་རིམ་གྱི་སྲོལ་བཙུགས་སོ་ཞེས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་གསུངས། |