17565

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་རྗེས་སུ་འཇུག་པ་བཅུ་ (1)
Part of speech མིང་ཚིག
Definition དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་དུ་ཡང་དག་པར་བརྗོད་པར་བྱ་བ། ཆོས་ཐམས་ཅད་མཚན་ཉིད་བརྗོད་པར་བྱ་བ། དངོས་པོ་མེད་པ་ཉིད་དུ་བརྗོད་པར་བྱ་བ། མེད་པ་ཉིད་དུ་བརྗོད་པར་བྱ་བ། རྫུན་པ་ཉིད་དུ་བརྗོད་པར་བྱ་བ། དབེན་པ་ཉིད་དུ་བརྗོད་པར་བྱ་བ། ངོ་བོ་མེད་པ་ཉིད་དུ་བརྗོད་པར་བྱ་བ། སྒྱུ་མ་ལྟ་བུ་ཉིད་དུ་བརྗོད་པར་བྱ་བ། རྨི་ལམ་ལྟ་བུ་ཉིད་དུ་བརྗོད་པར་བྱ་བ། རྣམ་པར་རྟོག་པ་མེད་པ་ཉིད་དུ་ཡང་དག་པར་བརྗོད་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་མི་འཕྲོག་པའི་ཕྱིར་ཤས་ཆེར་ལྷག་པའི་བསམ་པ་རྣམ་པར་འཕེལ་བའི་ཆོས་ཅན་དུ་གྱུར་ཅིང་། གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི། གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་ཏེ། འདི་ནི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་བཞག་པའོ། །
Domain ཆོས་ལུགས།