1757
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀཿཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་བཅུ་གཅིག་པ་སྟེ། ཁོང་གིས་བྲའོ་ཆོས་འབུམ་གྱི་མདུན་ནས་དབང་དང་གདམས་པ་ཡོངས་རྫོགས་གསན། སྐུ་ཚེ་ཧྲིལ་པོར་རྟ་ཆེན་སུམ་རར་བཞུགས་ནས་བསྐྱེད་རྫོགས་ཀྱི་ཉམས་ལེན་བསྐྱངས། བྱ་བཏང་རྣལ་འབྱོར་གྱི་སྤྱོད་པ་སྤྲོས་མེད་དཀའ་ཐུབ་ཁོ་ནས་དུས་འདའ་བར་མཛད། དྲུང་འཚོ་བ་བློ་གྲོས་བཟང་པོ་སོགས་ཟབ་མོའི་གདམས་པས་རྒྱུད་གྲོལ་བའི་སློབ་མའང་མང་དུ་བྱོན། སྒྲུབ་པའི་རྒྱལ་མཚན་འཛིན་པའི་སྐྱེས་ཆེན་ཁྱད་པར་བ་ཞིག་གོ ། |