17574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་སྐུ་ (1)
Part of speech མིང་ཚིག
Definition སྦྱོར་བ་བཞི་བསྒོམས་སྟོབས་ཀྱིས་ཐོབ་པའི་འབྲས་བུ་མཐར་ཐུག་དེ་ཆོས་སྐུའོ། །གང་ཟག་གཅིག་འཚང་རྒྱ་བ་ལ་ཤེས་པར་བྱ་བ་ཡུལ་མཁྱེན་པ་གསུམ་དང་། ཉམས་སུ་ལེན་པའི་སྦྱོར་བ་བཞི་བསྒོམས་པའི་རྣམ་སྨིན་ནམ་འབྲས་བུ་མཐར་ཐུག་པ་ཆོས་ཀྱི་སྐུ་སྟེ། དོན་བསྡུས་རིན་ཆེན་སྒྲོན་མེ་ལས། ཤེས་བྱའི་ཡུལ་དུ་མཁྱེན་པ་གསུམ། སྒོམ་པའི་དུས་སུ་སྦྱོར་བ་བཞི། །འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ། །ཞེས་གསུངས་པ་ལྟར་རོ། །འགའ་ཞིག་ཏུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་བཅོམ་པ་སྤངས་པ་ཕུན་ཚོགས་ནི་ངོ་བོ་ཉིད་སྐུ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་གཟིགས་ཤིང་ཐུགས་སུ་ཆུད་པ་རྟོགས་པ་ཕུན་ཚོགས་ནི་ཆོས་ཀྱི་སྐུའོ་ཞེས་རྣམ་པར་བཞག་པའང་ཡོད། ཆོས་སྐུ་མཚོན་བྱེད་ཀྱི་སྐུ་བཞི་སྟེ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུ་བཞིའོ། །
Domain ཆོས་ལུགས།