17580

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་སྐུའི་ཡོན་ཏན་ཉིས་བརྒྱ་དྲུག་ (1)
Part of speech མིང་ཚིག
Definition ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བ་སྟེ། ༡ ཤིན་ཏུ་ཡོངས་སུ་དག་པ་ཚད་མེད་པ་བཞི། ༢ རྣམ་པར་ཐར་པ་བརྒྱད། ༣ ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། ༤ ཟད་པར་གྱི་སྐྱེ་མཆེད་བཅུ། ༥ ཉོན་མོངས་པ་མེད་པ། ༦ སྨོན་ནས་ཤེས་པ། ༧ སོ་སོ་ཡང་དག་པ་རིག་པ་བཞི། ༨ མངོན་པར་ཤེས་པ་དྲུག། ༩ སྐྱེས་བུ་ཆེན་པོའི་མཚན་སོ་གཉིས། ༡༠ དཔེ་བྱད་བཟང་པོ་བརྒྱད་ཅུ། ༡༡ རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི། ༡༢ སྟོབས་བཅུ། ༡༣ མི་འཇིགས་པ་བཞི། ༡༤ བསྲུང་བ་མེད་པ་གསུམ། ༡༥ དྲན་པ་ཉེ་བར་གཞག་པ་གསུམ། ༡༦ བག་ཆགས་ཡང་དག་པར་བཅོམ་པ། ༡༧ བསྙེལ་བ་མེད་པའི་ཆོས་ཉིད། ༡༨ ཐུགས་ཆེན་པོ། ༡༩ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ༢༠ རྣམ་པའི་མཆོག་ཐམས་ཅད་མཁྱེན་པ་ཉིད། ༢༡ ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་ལྡན་པ་བཅས་རྣམ་གྲངས་དེ་རྣམས་བསྡོམས་པས་ཡོན་ཏན་བཅས་སོ། །
Domain ཆོས་ལུགས།