17584
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟོག་པས་ཕྱེ་བའི་ཆུང་མཐའ་རྡུལ་ཕྲ་རབ་ཀྱི་གཟུགས་མིག་ལ་བསྟན་དུ་མེད་པ་སྟེ། བསྡུས་པ་ལས་གྱུར་པའི་གཟུགས་དང༌། གཞན་ལ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བ་བར་སྣང་སྐྱ་སིང་པོ་ལྟ་བུ་དང་གཟུགས་བརྙན་ལ་སོགས་པ་སྟེ། མངོན་པར་སྐབས་ཡོད་པའི་གཟུགས་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སྡོམ་པ་ལྟ་བུ་སྟེ། ཡང་དག་པར་བླངས་པ་ལས་བྱུང་བའི་གཟུགས་དང༌། རྨི་ལམ་དུ་རྟ་གླང་ཁང་བ་སོགས་ཡུལ་ལྔར་སྣང་བ་རྣམས་དང༌། ཏིང་འཛིན་དུ་ས་གཞི་ཀེང་རུས་ཀྱིས་ཁྱབ་པར་སྣང་བ་ལྟ་བུ་སྟེ། ཀུན་བཏགས་པའི་གཟུགས་དང༌། བསམ་གཏན་ལ་དབང་འབྱོར་བའི་སྟོབས་ཀྱིས་སྣང་བའི་གཟུགས་ཟད་པར་སྔོན་པོ་ལ་སོགས་པ་ལྟ་བུ་སྟེ། དབང་འབྱོར་བའི་གཟུགས་དང་ལྔའོ། ། |
| Domain | ཆོས་ལུགས། |