17587
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ༡ སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་བྱ་བ་དང་། དོན་མཐུན་པ་བསྡུ་བའི་དངོས་པོ་བཞི་ལ་སྦྱོང་བ་སྒྲུབ་པ་རྣམ་པར་དག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྱེད་པ། ༢ དཀོན་མཆོག་གསུམ་གྱི་རིགས་ཡང་དག་པར་འཛིན་པའི་བསམ་པ་ཆུད་མི་ཟ་བའི་ཐམས་ཅད་མཁྱེན་པའི་སེམས་སྨོན་ལམ་གྱི་སྟོབས་བསྐྱེད་པའི་ཕྱིར་མི་ལྡོག་པའི་ཡུལ་ཞེས་བྱ་བའི་ཆོས་ཀྱི་མངོན་དུ་བྱེད་པ། ༣ སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ལྷག་པའི་བསམ་པ་སྙིང་རྗེ་ཆེན་པོའི་སྟོབས་ལ་ཞུགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྱེད་པ། ༤ བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་དང་། དོན་ལ་རྣམ་པར་ངེས་པའི་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱི་ཁྱད་པར་ཡང་དག་པར་སྒྲུབ་པ་བཀོད་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་མངོན་དུ་བྱེད་པའོ། ། |
| Domain | ཆོས་ལུགས། |