17597

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་སྣང་བ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས་བྱུང་བ་སྟེ། སེམས་ཅན་རྣམས་ལ་ལས་ཀྱི་བྱ་བ་ལ་འཇུག་པ་སྟོན་པས་འཇིག་རྟེན་པའི་ཆོས་ཀྱི་སྣང་བ། ཐར་པ་འདོད་པ་རྣམས་ལ་ཤེས་རབ་ཀྱིས་སྟོན་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྣང་བ། ལམ་ཤིན་ཏུ་བསྒོམས་པའི་ཕྱིར་སྒྲིབ་པ་མེད་པའི་ཆོས་ཀྱི་སྣང་བ། འདོད་པ་དང་། སྲིད་པ་དང་། མ་རིག་པ་དང་། ལྟ་བའི་ཟག་པ་མི་སློང་བའི་ཕྱིར་ཟག་པ་མེད་པའི་ཆོས་ཀྱི་སྣང་བ། འཕགས་པ་རྣམས་ཀྱིས་ངེས་པར་གྱུར་པ་མངོན་སུམ་དུ་བྱེད་པའི་ཕྱིར་འདུས་མ་བྱས་པའི་ཆོས་ཀྱི་སྣང་བ། གློ་བུར་གྱི་ཉོན་མོངས་པ་ལ་ཤིན་ཏུ་རྟོགས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་སྣང་བ། སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་བྱང་བའི་ཆོས་ཀྱི་སྣང་བ། ཆོས་རྣམས་ཤིན་ཏུ་ཉེ་བར་ཞི་བའི་ཕྱིར་མྱ་ངན་ལས་འདས་པའི་ཆོས་ཀྱི་སྣང་བའོ། །
Domain ཆོས་ལུགས།