17599
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་མིའམ་ཅིའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའི་སྣོད་སངས་རྒྱས་ཀྱི་བྱིན་གྱི་རླབས། ༢ ལྷག་པའི་བསམ་པའི་སྣོད་བསམ་པ། ༣ བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའི་སྣོད་སྦྱོར་བ། ༤ དགེ་བའི་རྩ་བ་ཁྱད་པར་དུ་འགྲོ་བའི་སྣོད་ལྷག་པའི་བསམ་པ། ༥ མང་དུ་ཐོས་པའི་སྣོད་དྲན་པ། ༦ ལམ་ལ་འཇུག་པའི་སྣོད་བློ་གྲོས། ༧ དོན་རྟོགས་པ་རྗེས་སུ་རྟོགས་པའི་སྣོད་རྟོགས་པ། ༨ ལོངས་སྤྱོད་ཆེན་པོའི་སྣོད་སྦྱིན་པ། ༩ བསམ་པ་ཡོངས་སུ་རྫོགས་པའི་སྣོད་ཚུལ་ཁྲིམས། ༡༠ སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པའི་སྣོད་བཟོད་པ། ༡༡ སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པའི་སྣོད་བརྩོན་འགྲུས། ༡༢ སེམས་ལས་སུ་རུང་བའི་སྣོད་བསམ་གཏན། ༡༣ དོགས་པ་ཐམས་ཅད་ལས་རབ་ཏུ་འདས་པའི་སྣོད་ཤེས་རབ། ༡༤ སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་སྣོད་བྱམས་པ། ༡༥ དབུལ་ཞིང་ཉམ་ཐག་པ་ཐམས་ཅད་བསྐྱབ་པའི་སྣོད་སྙིང་རྗེ། ༡༦ ཆོས་ལ་དགའ་བའི་སྣོད་དགའ་བ། ༡༧ རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤང་བའི་སྣོད་བཏང་སྙོམས། ༡༨ དགེ་བའི་རྩ་བ་ཐམས་ཅད་འཛིན་དུ་འཇུག་པའི་སྣོད་དགེ་བའི་བཤེས་གཉེན། ༡༩ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་ཐོས་པ་ཚོལ་བས་ངོམས་མི་མྱོང་བ། ༢༠ མི་ལྟོས་པའི་སྣོད་རབ་ཏུ་འབྱུང་བ། ༢༡ དོན་ཉུང་ཞིང་བྱ་བ་ཉུང་བའི་སྣོད་དགོན་པ་ལ་གནས་པ། ༢༢ བསམ་གཏན་དང་མངོན་པར་ཤེས་པའི་སྣོད་དབེན་པ་ལ་དགའ་བ། ༢༣ སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྣོད་བསྡུ་བའི་དངོས་པོ། ༢༤ ཆོས་སྣང་བའི་སྣོད་དམ་པའི་ཆོས་ཡོངས་སུ་འཛིན་པ། ༢༥ ཐོས་པ་ཐམས་ཅད་འཛིན་པའི་སྣོད་གཟུངས། ༢༦ སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པའི་སྣོད་སྤོད་སྩལ་པ། ༢༧ སངས་རྒྱས་མཐོང་བའི་སྣོད་སངས་རྒྱས་རྗེས་སུ་དྲན་པ། ༢༨ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་ཆོས་རྗེས་སུ་དྲན་པ། ༢༩ དགེ་བའི་རྩ་བ་བསྲུང་བའི་སྣོད་ཞེ་སྡང་མེད་པའི་སེམས། ༣༠ ལྟ་བར་གྱུར་པ་ཐམས་ཅད་སྤང་བའི་སྣོད་སྟོང་པ་ཉིད་ལ་མོས་པ། ༣༡ མཐར་འཛིན་པ་ཐམས་ཅད་ཡོངས་སུ་སྤང་པའི་སྣོད་རྟེན་ཅིང་འབྲེལ་པར་འབྱུང་བ། ༣༢ མི་འཁྲུགས་ཤིང་ཁྱད་པར་ལུང་སྟོན་པའི་སྣོད་མི་སྐྱེ་བའི་ཆོས་ལ་བཟོད་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྣོད་ཕྱིར་མི་ལྡོག་པ་བཅས་སོ། ། |
| Domain | ཆོས་ལུགས། |