17600

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་སྤྱན་ (1)
Part of speech མིང་ཚིག
Definition མདོ། གང་ཟག་ཕ་རོལ་པོའི་དབང་བོ་རྣོ་རྟུལ་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་འཕགས་རྒྱུད་ཀྱི་ཤེས་རབ་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རང་ཡུལ་དུ་གྱུར་པའི་འཕགས་པའི་གང་ཟག་རྣམས་ཀྱི་དབང་པོ་རྣོ་རྟུལ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པས་རབ་ཏུ་ཕྱེ་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཆོས་ཀྱི་སྤྱན་གྱི་མཚན་ཉིད། ས་མཚམས་ནི། མཐོང་ལམ་རྗེས་ཐོབ་ནས་ཡོད། བྱེད་ལས་ནི་ཆོས་སྟོན་པར་བྱེད་པའི་དབང་པོའི་བྱེ་བྲག་རྣམས་ཤེས་པར་བྱེད་པའོ། །
Domain ཆོས་ལུགས།
ཆོས་ཀྱི་སྤྱན་ (2)
Part of speech མིང་ཚིག
Definition སྤྱན་ལྔ་པོ་གང་རུང་ཡང་ཡིན། རང་ཡུལ་དུ་གྱུར་པའི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོ་རྣོ་རྟུལ་མངོན་སུམ་གྱིས་རྟོགས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མཁྱེན་པར་དམིགས་པ། ས་མཚམས་ནི། མཐོང་ལམ་རྗེས་ཐོབ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།
ཆོས་ཀྱི་སྤྱན་ (3)
Part of speech མིང་ཚིག
Definition སྤྱན་ལྔའི་ནང་གསེས་ཤིག་སྟེ། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཡོད་དེ། དམིགས་མེད་ཀྱི་དགེ་བ་ལས་བྱུང་། ཆོས་སོ་ཅོག་ཀུན་སྒྱུ་མར་གཟིགས་པ། གང་ཟག་བདག་མེད་རྟོགས་པའམ་རྟེན་འབྲེལ་རྟོགས་པའི་ཡེ་ཤེས་སོ། །
ཆོས་ཀྱི་སྤྱན་ (4)
Part of speech མིང་ཚིག
Definition ཆོས་ཀྱི་གནས་ལུགས་ལ་དཔྱོད་པའི་ཤེས་རབ་ལ་ཆོས་སྤྱན་ཞེས་ཞུ་སྲོལ་ཡོད་དེ། དཔེར་ན་རྒྱལ་དབང་རྗེའི་ཆོས་མངོན་པའི་མཛོད་ཀྱི་དགོངས་དོན་གསལ་བར་བྱེད་པའི་ལེགས་བཤད་ཉིན་བྱེད་དབང་པོའི་སྣང་བ་ལས། འོན་ཀྱང་རང་ཉིད་འཆིང་བ་ཀུན་ལྡན་ཕྱིར། །ཚིག་དང་དོན་གྱི་ཆ་ལ་འཁྲུལ་པ་ཡང༌། །སྲིད་ན་ཆོས་སྤྱན་ལྡན་པའི་ཚོགས་རྣམས་ཀྱིས། །རིགས་དང་རིགས་མིན་དབྱེ་བ་འབྱེད་པར་འོས། །