17612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་སྦྱིན་པའི་ཁྱད་པར་དུ་འཕགས་པའི་ཕན་ཡོན་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་བྱུང་བ་སྟེ། ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་བདག་དང་། གཞན་ལ་ཕན་འདོགས་པར་བྱེད་ལ་ཟང་ཟིང་གི་སྦྱིན་པ་ནི་དེ་ལྟར་མ་ཡིན་པས་སོ། །ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་སེམས་ཅན་ཁམས་གསུམ་ནས་འབྱིན་པར་བྱེད་པ་ཡིན་ལ་ཟང་ཟིང་གི་སྦྱིན་པའི་བསོད་ནམས་གང་ཡིན་པ་དེ་ནི་འདོད་པའི་ཁམས་ལས་མི་འདའ་བས་སོ། །ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡོངས་སུ་དག་པར་བྱེད་པ་ཡིན་ལ། ཟང་ཟིང་གི་སྦྱིན་པས་ནི་གཟུགས་འབའ་ཞིག་འཕེལ་བར་བྱེད་པས་སོ། །ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་མཐར་ཐུག་པ་མེད་པ་ཡིན་ལ། ཟང་ཟིང་གི་སྦྱིན་པ་ནི་ཟད་པར་འགྱུར་བས་སོ། །ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་མ་རིག་པ་ཡོངས་སུ་གཅོད་པར་བྱེད་པ་ཡིན་ལ། ཟང་ཟིང་གི་སྦྱིན་པ་དེ་ནི་འདོད་པའི་སྲེད་པ་ཙམ་ཐུལ་བར་འགྱུར་བས་སོ། །
Domain ཆོས་ལུགས།