17616
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་མིའམ་ཅིའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ དྲན་པ་དང་ལྡན་པར་འགྱུར་བ། ༢ བློ་གྲོས་དང་ལྡན་པར་འགྱུར་བ། ༣ རྟོགས་པ་དང་ལྡན་པར་འགྱུར་བ། ༤ འདོད་ཆགས་ཆུང་པར་འགྱུར་བ། ༥ ཞེ་སྡང་ཆུང་བར་འགྱུར་བ། ༦ གཏི་མུག་ཆུང་བར་འགྱུར་བ། ༧ བདག་དང་གཞན་གྱི་ཉོན་མོངས་པ་ཚར་གཅོད་པར་འགྱུར་བ། ༨ སྐྱེ་བོ་མང་པོ་དགའ་བར་འགྱུར་བ། ༩ དེའི་བསྔགས་པ་ལྷ་རྣམས་ཀྱིས་བརྗོད་པར་འགྱུར་བ། ༡༠ ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་རྣམས་ཀྱིས་བསྲུང་བར་འགྱུར་བ། ༡༡ ལས་བྱས་ནས་བསོད་སྙོམས་ཐ་བར་འགྱུར་བ། ༡༢ ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་རྙེད་པར་འགྱུར་བ། ༡༣ གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ཕྱོགས་བཅུར་གྲགས་པར་འགྱུར་བ། ༡༤ མི་མ་ཡིན་པ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བ། ༡༥ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པར་འགྱུར་བ། ༡༦ དམ་པའི་ཆོས་ཡོངས་སུ་སྲུང་བ། ༡༧ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དམ་པའི་ཆོས་འཛིན་པར་འགྱུར་བ། ༡༨ ངན་སོང་ཐམས་ཅད་ཀྱིས་འཇིགས་པར་མི་འགྱུར་ཞིང༌། དེ་ལ་ལྷ་དང་མིར་སྐྱེ་བ་དཀའ་བར་མི་འགྱུར་བ། ༡༩ སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་བ། ༢༠ ཆོས་ཉན་པ་དང་འབྲལ་བར་མི་འགྱུར་བ། ༢༡ དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་འབྲལ་བར་མི་འགྱུར་བ། ༢༢ སྐྱེ་བ་དྲན་པར་འགྱུར་བ། ༢༣ སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་བ། ༢༤ ནམ་དུའང་དབང་པོ་མ་ཚང་བར་མི་འགྱུར་བ། ༢༥ སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་འགྱུར་བ། ༢༦ གཟི་བརྗིད་ཅན་གྱི་གཟུངས་ཀྱི་ས་བོན་སྒྲུབ་པར་འགྱུར་བ། ༢༧ སྤོབས་པ་རྒྱུན་མི་འཆད་པའི་རྒྱུ་རབ་ཏུ་འཛིན་པར་འགྱུར་བ། ༢༨ སྐྱེ་བོ་མཁས་པས་གཡོག་བྱས་པར་འགྱུར་བ། ༢༩ ཤེས་རབ་ཆེན་པོའི་རྒྱུ་རབ་ཏུ་འཛིན་པར་འགྱུར་བ། ༣༠ མྱུར་དུ་ཆོས་ཀྱི་སྣང་བ་རབ་ཏུ་ཐོབ་པར་འགྱུར་བ་དང༌། ༣༡ དེའི་སེམས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཀུན་ཏུ་མི་འབྱུང་བ། ༣༢ འཇིག་རྟེན་གྱི་ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཟིལ་གྱིས་མནན་ནས་དེ་ཆོས་ཀྱི་གཏེར་ཟད་མི་ཤེས་པ་ཡོངས་སུ་འཛིན་པར་འགྱུར་བ་བཅས་སོ། ། |
| Domain | ཆོས་ལུགས། |