17656

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་གསུམ་ནང་ཚན་གྱི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཆོས་གསུམ་ནང་ཚན་དུ་གྱུར་པའི་སེམས་བསྐྱེད་སེམས་བསྐྱེད་དངོས་ཡིན་ཏེ། འཕགས་པའི་ཆོས་ཀུན་འགྲོ་བའི་མདོ་ལས། བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ལས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བགྱིའོ་ཞེས་པ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་དང་། བླ་ན་མེད་པའི་སེམས་དང་། བྱམས་པས་མཉེས་པའི་སེམས་དང་། སྙིང་རྗེས་མི་ལྡོག་པའི་སེམས་དང་། དགའ་བས་འགྱོད་པ་མ་མཆིས་པའི་སེམས་དང་། བཏང་སྙོམས་ཀྱིས་དྲི་མ་མ་མཆིས་པའི་སེམས་དང་། སྟོང་པ་ཉིད་ཀྱིས་མི་འགྱུར་པའི་སེམས་དང་། མཚན་མ་མ་མཆིས་པས་སྒྲིབ་པ་མ་མཆིས་པའི་སེམས་དང་། སྨོན་པ་མ་མཆིས་པས་མི་གནས་པའི་སེམས་ཞེས་དང་། རིན་ཆེན་ཕྲེང་བ་ལས། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཞེས་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །
Domain ཆོས་ལུགས།