17667

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་གོས་ཆོ་ག་གང་གིས་བྱིན་གྱིས་བརླབས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཆོས་གོས་ཆོ་ག་གང་གིས་བྱིན་གྱིས་བརླབས་པ་ནི། སྦྱོར་དངོས་མཇུག་གསུམ་གྱིས་བརླབས་པ་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་ཆོ་ག་གང་གིས་བྱིན་གྱིས་བརླབས་པ་ཡོད་དེ། སྦྱོར་བ། དངོས་གཞི། མཇུག་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཆིལ་ལྷམ་འབུད་པ་དང་། ཕྱག་འཚལ་བ་སོགས་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བཙུན་པའམ་སློབ་དཔོན་དགོངས་སུ་གསོལ་ཞེས་སོགས་ཀྱི་སྔགས་ཚིག་ལན་གསུམ་བརྗོད་པར་བྱས་པའི་སྒོ་ནས་བྱིན་གྱིས་བརླབ་པ་ཡིན་པའི་ཕྱིར། མཇུག་ཡོད་དེ། ཐབས་ལེགས་བརྗོད་པ་དེ་ཡིན་པའི་ཕྱིར། སྣམ་སྦྱར་སོགས་དངོས་མེད་ཀྱང་། རྒྱུའི་བྱིན་བརླབས་བྱ་བ་དང་། ལྷག་པའི་ཡོ་བྱད་ཀྱི་གོས་དང་། མཁོ་བའི་ཡོ་བྱད་ཀྱི་གོས་ཀྱང་ཆོ་གས་བྱིན་གྱིས་བརླབ་པར་བྱ་བ་ཡིན་ཞིང་། ཡོ་བྱད་ཕྲན་ཚེགས་ཞྭ་སྐ་རགས་སོགས་གྲུ་བཞི་ཁྲུ་གང་གིས་མ་ལོངས་པ་རྣམས་ཡིད་ཀྱིས་བརྟག་སྟེ་བཅང་བར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།