17669

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་གོས་བསམ་པ་གང་གིས་བཅང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བསམ་པ་འཚོ་ལྷག་མཁོ་གསུམ་གང་རུང་གི་ཆེད་དུ་བཅང་བ་ཞིག་དགོས་པ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་བསམ་པ་གང་གིས་བཅང་བ་ཡོད་དེ། འཚོ་བའི་ཡོ་བྱད་ཀྱི་གོས་རང་གི་ཡིན་པའི་བསམ་པ་དང། ལྷག་པའི་ཡོ་བྱད་ཀྱི་གོས་གཞན་གྱི་ཡིན་པའི་བསམ་པ་དང་། མཁོ་བའི་ཡོ་བྱད་ཀྱི་གོས་རང་གཞན་ཐུན་མོང་དུ་དབང་བའི་བསམ་པས་བཅང་བ་ཡིན་པའི་ཕྱིར། ལྷག་པའི་ཡོ་བྱད་ཀྱི་གོས་གནང་བའི་ཡུལ་ནི་སྐྱིད་དེ་བ་ལས་རབ་ཏུ་བྱུང་བ་དང་། ནད་པ་དང་། ཤིག་དང་སྲོ་མ་མང་བ་སོགས་དགུ་ལ་བཤད་དོ། །ཞེས་གསུངས།
Domain ཆོས་ལུགས།