17670

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་གོས་བྱིན་གྱིས་བརླབས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འཆང་འཇོག་གི་ཉེས་པ་ཁེགས་པའི་ཆེད་དུ་ཆོ་ག་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བྱིན་གྱིས་རླབས་པ་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། ཆོས་གོས་བྱིན་གྱིས་བརླབས་ཚུལ་ཇི་ལྟར་ཡིན་ཞེ་ན། བཤད་དུ་ཡོད་དེ། དགོས་པའི་དབང་དུ་བྱས་ན། འཆང་འཇོག་གི་ལྟུང་བ་མི་འབྱུང་བ་དང་། གོས་བྱིན་བརླབས་ཅན་མེད་པའི་ཉེས་པ་ཁེགས་པར་འགྱུར་ལ། བསྡུས་དོན་གྱི་དབང་དུ་བྱས་ན། ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབས་པ། རྟེན་གང་གིས་བྱིན་གྱིས་བརླབས་པ། དངོས་པོ་གང་བྱིན་གྱིས་བརླབས་པ། ཆོ་ག་གང་གིས་བྱིན་གྱིས་བརླབས་པ། བྱིན་བརླབས་འཇིག་པའི་རྒྱུ་བཤད་པ། བསམ་པ་གང་གིས་བཅང་བ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།