17675
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་སློང་མའི་འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ། ༡ ཆོས་གོས་ཟིན་ལ་སྲ་རྐྱང་མ་ཕྱུང་བ་ནི། དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་ཟིན་ལ། དགེ་འདུན་གྱིས་སྲ་རྐྱང་མ་ཕྱུང་བའོ། །༢ སྲ་རྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ནི། དགེ་སློང་མའི་དགེ་འདུན་གྱིས་སྲ་རྐྱང་ཕྱུང་ཟིན་ལ། དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་མ་ཟིན་པའོ། །༣ ཆོས་དགོས་ཟིན་ལ་སྲ་རྐྱང་ཕྱུང་བ་ནི། དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་ཟིན་ལ། དགེ་སློང་མའི་དགེ་འདུན་གྱིས་ཀྱང་སྲ་རྐྱང་ཕྱུང་བའོ། །༤ ཆོས་གོས་ཟིན་ཅིང་སྲ་རྐྱང་མ་ཕྱུང་བ་ནི། རྣམ་པ་དེ་དག་མ་གཏོགས་པའོ། ། |
| Domain | ཆོས་ལུགས། |