17685

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་གླིང་དགོན་ (1)
Part of speech མིང་ཚིག
Definition སྒང་རི་མཚོ་ནག་གངས་རར་བཏབ་ཡོད་པས་གངས་ར་དགོན་ཡང་ཟེར། དགོན་འདི་ཐོག་མར་འདེབས་པ་པོ་ནི་ངག་སྒྲོས་སུ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་རྒྱ་ནག་ཏུ་ཕེབས་ནས་ཕྱིར་རང་ཡུལ་དུ་བྱོན་སྐབས་བཞེངས་ཟེར། དེས་ན་རབ་བྱུང་དྲུག་པའི་མགོར་བཏབ་པར་སྣང་། དགེ་འདུན་གྱི་སྡེ་འདུས་ནས་བདེ་མཆོག་དང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སོགས་ཀྱི་སྒྲུབ་མཆོད་བཙུགས། རྩ་རླུང་གི་སྒོམ་གྲྭ་སོགས་ཀྱང་བཙུགས་པར་གྲགས། ཕྱིས་སུ་རྙིང་མའི་བཀའ་གཏེར་གྱི་སྨིན་གྲོལ་དར་ནས་རྙིང་དགོན་དུ་གྱུར། བེ་རི་གྲུབ་སྲས་དང་། གྲོང་བྱང་ཆུབ་ཆོས་ཀྱི་ཉི་མ། སྤུན་རྔལ་རས་དཀར། རིག་འཛིན་སྟག་ཤམ་རྡོ་རྗེ། བླ་མ་ཨ་བྱང་། གངས་ར་རྗེ་བཙུན་ཨ་ཚེ། གངས་སྤྲུལ་ཡོན་ཏན་ཆོས་འཛིན་སོགས་ནི་དགོན་འདིའི་བླ་བརྒྱུད་གཙོ་བོར་ཆགས། སྔར་ཡོད་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་རོལ་མོ་དང་བཅས་་དུས་འགྱུར་གྱི་སྐབས་སུ་ཐམས་ཅད་བརླགས། དེང་སྐབས་སུ་སྐུ་གསུང་ཐུགས་རྟེན་རྣམས་གསར་བཞེངས་བྱས།