17695

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཅན་བརྗོད་པའི་སྒྲ་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། རང་གིས་ཟིན་པར་བརྗོད་པའི་བརྗོད་བྱའི་ཁྱད་ཆོས་གཞན་རྣམས་རང་གི་བརྗོད་བྱར་མ་སྤངས་པའི་སྒོ་ནས་བརྗོད་བྱ་གོ་བྱེད།
Example བ་གླང་རྟ་མ་ཡིན་པ་ཡིན་ནོ། །ཞེས་པའི་སྒྲ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།
ཆོས་ཅན་བརྗོད་པའི་སྒྲ་ (2)
Part of speech མིང་ཚིག
Definition ཁྱད་གཞི་ཁྱད་ཆོས་གཉིས་ལས་ཁྱད་གཞིའམ་ཆོས་ཅན་བརྗོད་པའི་ཉན་བྱ་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡིག་ཆ་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། བརྗོད་བྱེད་ཀྱི་སྒྲ་ལ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། ཆོས་ཅན་བརྗོད་པའི་སྒྲ་དང། ཆོས་བརྗོད་པའི་སྒྲ་གཉིས་ལས། ཆོས་ཅན་བརྗོད་པའི་ཉན་བྱ་དང་པོའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།
ཆོས་ཅན་བརྗོད་པའི་སྒྲ་ (3)
Part of speech མིང་ཚིག
Definition རང་སྨྲ་པོ་དང་ཉན་པ་པོ་གཉིས་ཀྱི་འདོད་པའི་དོན་དེ་ཁྱད་གཞི་ལྟ་བུར་སྟོན་པའི་ཉན་བྱ་དེ་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། བརྗོད་བྱེད་ལ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། ཆོས་བརྗོད་ཀྱི་སྒྲ་དང། ཆོས་ཅན་བརྗོད་པའི་སྒྲ་གཉིས། ཞེས་དང་། གཉིས་པའི་མཚན་ཉིད། སྨྲ་བ་པོ་དང་ཉན་པ་པོའི་འདོད་པས་དམིགས་པའི་དོན་དེ་ཉིད་ཁྱད་གཞི་ལྟ་བུར་སྟོན་པའི་སྒྲ།
Example བ་ལང་རྟ་མ་ཡིན་པ་ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།
ཆོས་ཅན་བརྗོད་པའི་སྒྲ་ (4)
Part of speech མིང་ཚིག
Definition ཁྱད་པར་གཞན་མི་སྤོང་བའི་ཚུལ་གྱིས་གོ་བར་བྱེད་པའི་མཉན་བྱ། ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད།