17697

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཅན་འགོག་པ་ (1)
Part of speech མིང་ཚིག
Definition འགོག་རྒྱན་ཉེར་གསུམ་གྱི་ནང་གསེས་ལྔ་པ་སྟེ། ཆོས་ཅན་དངོས་པོ་དེའི་ཁྱད་ཆོས་དངོས་སུ་ཁས་བླངས་ནས། ཁྱད་ཆོས་དེ་གང་ལ་ཡོད་པའི་ཁྱད་གཞིའི་ཆོས་ཅན་དེ་མ་མཐོང་ཞིང་། མེད་ཅེས་དགག་བྱར་བྱས་ནས་འགོག་པ་ཞིག་ཡིན།
Example བོད་མཁས་པས། གཏུམ་ཆེན་ཁྲོ་བོའི་དབང་བོ་རྟ་མཆོག་དཔལ། །གར་དགུའི་ཉམས་དང་ལྡན་ནམ་མི་ལྡན་ཞེས། ། དཔག་པར་དཀའ་སྟེ་དུས་མཐའི་མེ་དཔུང་ཆེ། །འབར་བ་ཙམ་ལས་སྐུ་ཉིད་མངོན་སུམ་མིན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག