17698
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་རྟགས་ཡང་དག་གི་ཆོས་ཅན་དུ་བཟུང་ཡང་བསྒྲུབ་བྱའི་ཆོས་ཀྱི་རྟེན་གཞིར་གྱུར་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མ་ཡིན་པའི་ཆོས་ཅན་དུ་གང་བཟུང་བ་དེ་ལ་ཆོས་ཅན་འབའ་ཞིག་པ་ཞེས་བྱ་སྟེ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་བཞི་བ་ལས། དངོས་པོར་གྱུར་པའི་ནམ་མཁའ་ཆོས་ཅན། རྟག་པའི་རྫས་མ་ཡིན་ཏེ། ཡོན་ཏན་དོན་གཞན་གྱི་རྟེན་མི་བྱེད་པའི་ཕྱིར་ཅེས་བཀོད་པ་ན། དངོས་པོར་གྱུར་པའི་ནམ་མཁའ་ནི་བསྒྲུབ་བྱའི་ཆོས་ཀྱི་རྟེན་གཞི་མ་ཡིན་པས་འབའ་ཞིག་པ་ཞེས་བྱ་ལ། དེ་བཀག་ཀྱང་བསྒྲུབ་བྱ་ལ་གནོད་པའི་ཉེས་པར་མི་འགྱུར་ཏེ། དངོས་གྱུར་གྱི་ནམ་མཁའ་ཁེགས་པ་ཉིད་རྟག་རྫས་ཁེགས་པའི་ཡན་ལག་ཏུ་འགྱུར་ཞིང། དེ་ཁེགས་ན། དེ་རྟག་རྫས་ཀྱིས་སྟོང་པ་བདེ་བླག་ཏུ་འགྲུབ་པའི་ཕྱིར་རོ། །ཞེས་གསུངས། |
| Domain | ཚད་མ། |