17733

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བའི་སྙོམས་འཇུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། འཇིག་རྟེན་འཇིག་པའི་དུས་ཀྱི་ལུང་ལ་མ་བརྟེན་པར་རང་གི་ངང་གིས་བསྐྱེད་པའི་བསམ་གཏན་དང་པོ་གསུམ་པོ་གང་རུང་གི་དངོས་གཞིའི་སྙོམས་འཇུག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཆོས་ཉིད་ཀྱིས་སྐྱེ་བ་ཞེས་པ་ནི་ནམ་འཇིག་རྟེན་འཇིག་པའི་དུས་ལ་བབ་བ་ན་ལུང་ལ་མ་བརྟེན་པར་འོག་སའི་རྟེན་ལ་གོང་སའི་ཏིང་ངེ་འཛིན་ངང་གིས་སྐྱེ་བ་ཁོ་ན་ལ་བྱེད་པ་ཡིན་ལ། དེས་ན་བསམ་གཏན་བཞི་པ་ཡན་ཆད་མེ་ཆུ་རླུང་གསུམ་གྱིས་འཇིགས་པ་མེད་པས་བཞི་པའི་གནས་ཡན་ཆད་དུ་ཆོས་ཉིད་ཀྱི་སྟོབས་ཀྱིས་ཏིང་ངེ་འཛིན་སྐྱེ་བ་མེད་པས་ན་གཟུགས་མེད་ཀྱི་སྙོམས་འཇུག་ལ་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བ་མ་བཞག་གོ ། ཞེས་གསུངས།
Domain ཆོས་ལུགས།