17737

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཉིད་ངང་ལ་གནས་པའི་གནད་དྲུག་ (1)
Part of speech མིང་ཚིག
Definition རྩ་རླུང་ཁམས་རྣམས་རང་གནད་དགོད་པའི་གནད། །ལུས་ནི་བསམ་གཏན་ཆོས་དྲུག་བཅའ་བ་དང༌། །ཐ་མལ་རང་གའི་འཁྲུལ་སྣང་དགྲོལ་བའི་གནད། །སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ཤེས་པ་དང༌། །བདེ་བ་ཆེན་པོ་རང་ལུགས་འབར་བའི་གནད། །འོག་སྒོ་བསྡམ་ཏེ་སྟེང་རླུང་བསྡུ་བ་དང༌། །རྟོག་མེད་ཆོས་ཉིད་ངང་ལ་གནས་པའི་གནད། །ལྕེ་རྩེ་གྱེན་བཟློག་རྒན་གཉིས་མ་རེག་བྱ། །རང་གསལ་ཡེ་ཤེས་མཁའ་ལ་དག་པའི་གནད། །མིག་གཉིས་མཐོ་གང་ནམ་མཁར་གཏད་པ་དང༌། །གཉུག་མའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གནས། །སེམས་ཉིད་མ་བཅོས་ཀློང་ནས་དྭངས་སངས་བཞག ། དེ་ལྟར་ཐབས་ལྡན་ཆོས་ཉིད་ངང་ལ་གནས། །བརྩོན་པས་གནད་དུ་བསྣུན་ཅིག་སྐལ་ལྡན་ཀུན། ། ཞེས་སོ། །
Domain ཆོས་ལུགས།