17759
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ཆོས་ཐམས་ཅད་ཀྱི་གཞིར་བསྟན་པ་ཉེར་གཉིས་ནི། ལམ་ཀློང་དུ་གྱུར་པ་ཡོན་ཏན་གྱི་གཞིར་བསྟན་པ་ཞེ་བརྒྱད་ཀྱི་ནང་གསེས་ཏེ། ཐམས་ཅད་འཇུག་པས་ལམ་དང། གང་ཡང་མ་སྤངས་པས་འཁོར་བ་དང། མ་ཤེས་འཁྲུལ་པས་སེམས་ཅན་དང། ཆུ་བོ་བཞི་སྒྲོལ་བས་གྲུ་ཉིད་དང། རྣམ་པར་བསྐྱོད་པས་བགྲོད་པ་དང། དམིགས་པ་མེད་པས་བྱང་ཆུབ་དང། རྣམ་པ་སྣ་ཚོགས་པས་སེམས་དང། ཀུན་ལ་མཁས་པས་ཤེས་རབ་དང། ཐམས་ཅད་གསལ་བས་ཏིང་ངེ་འཛིན་དང། མ་བགྲོད་པར་ཕྱིན་པས་གནས་ཉིད་དང། ཟླ་མེད་པས་རབ་ཉིད་དང། ངོ་མཚར་བས་མཆོག་ཉིད་དང། རྣམ་པར་འཕགས་པས་ཕུལ་ཉིད་དང། དབང་དང་གཉེན་པོ་མེད་པས་བླ་ན་མེད་པ་དང། གཏིང་མི་རྙེད་པས་ཟབ་པ་དང། དཔག་ཏུ་མེད་པས་གསང་བ་དང། ཕྲ་བས་མི་གསལ་བ་དང། ཐམས་ཅད་འབྱུང་བས་ཆོས་དང། མི་འགྱུར་བས་དེ་ཁོ་ན་དང། གོ་འཕང་ཉིད་ཕྱིར་བྱང་ཆུབ་སེམས་དཔའ་དང། རྒྱུན་སངས་ཁྱབ་པས་སངས་རྒྱས་དང། གཞིར་གྱུར་པས་རྩ་བ་བཅས་ཉེར་གཉིས་སོ། ། |
| Domain | ཆོས་ལུགས། |